当前位置:首页 > 征集中心 > 标识(LOGO)、吉祥物 > 正文

5000元 征集那曲牛肉盖饭(LOGO)标志设计方案

点击数: 发布时间:2022-01-21  截止时间: 2022-03-20 

 

 
 

那曲市文化和旅游局关于有奖征集那曲“牛肉盖饭”(LOGO)的公告

 

为深入挖掘和推广独具那曲特色的牛肉盖饭,提升那曲牛肉盖饭的知名度,传承保护“牛肉盖饭”,树立品牌形象,促进群众增收致富,助推那曲文化旅游融合发展。现面向全社会公开征集那曲牛肉盖饭(LOGO)标志设计方案。

一、设计要求

(一)那曲牛肉盖饭(LOGO)能够反映那曲地域特色,那曲自然环境、生态特色和历史文化,设计稿件中除图标外须包含国家通用文字、藏文及英文;

(二)那曲牛肉盖饭(LOGO)图案要简洁明快、构思新颖、醒目大方,具有较强的艺术渲染力、视觉冲击力、时代感染力,符合那曲牛肉盖饭的定位、形象和理念;

(三)应征作品须为原创,拒绝模仿、抄袭、雷同,严禁侵犯版权和违反其他法律法规。

二、征集要求

(一)应征作品可以是手工稿、电脑制作稿或电子图片,彩色的图稿须填充相应的颜色;

(二)应征作品须包括图案和简要的创意理念说明。说明文字要通俗易懂、言简意赅,并注明作者姓名、单位、联系电话;

(三)应征作品凡涉及抄袭、借用等侵权行为或违反其他法律法规,由作者本人承担一切责任;

(四)应征作品的图案和文字一律不予退稿,作者自留底稿。未入选者可自行处理;

(五)应征作品一经采用,其版权、所有权、修改权和使用权归那曲市文化和旅游局。

三、评选及奖励

那曲市文化和旅游局将组织有关专家、业内人士成立评选工作领导小组,对应征作品进行两次评选,最终的一等奖1名为本次征集活动的最终选定方案,获奖者须与那曲市文化和旅游局签订版权转让承诺书。

(一)第一次从所有应征作品中筛选出3幅作品入围,在相关媒体平台进行公示,并接受社会各界的评议。入围奖3名奖金各2000元,并由主办方颁发获奖证书;

(二)第二次在评选工作领导小组和社会各界征集的意见建议的基础上,最终采用1幅作品作为那曲牛肉盖饭LOGO。一等奖1名奖金5000元,并由主办方颁发获奖证书。

四、征集时间

2022年1月20日至2022年3月20日;

五、投稿方式

(一)纸质版。请投稿人于2022年3月20日前将作品寄送那曲市色尼区那曲镇辽宁南路5号 那曲市文化和旅游局郑文斌收,联系电话0896-3822876,18908965816,17689569577;

(二)电子版。请投稿人于2022年3月20日前将作品以附件形式发送电子版至邮箱nqdqwhj@163.com,文件名为“作者姓名+单位+设计方案征集”。

 

那曲市文化和旅游局

2022年1月19日

 

ནག་ཆུའི"ནོར་ཤ་ཁེབས་ཟས"ཀྱི(LOGO)མཚོན་རྟགས་བྱ་དགའ་ཡོད་པའི་འཚོལ་བསྡུ་བྱེད་རྒྱུའི་སྐོར་གྱི་ནག་ཆུ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུད་ཀྱི་སྤྱི་བསྒྲགས།

ནག་ཆུའི་དམིགས་བསལ་ཁྱད་ཆོས་ལྡན་པའི་ནོར་ཤ་ཁེབས་ཟས་སྔོག་འདོན་དང་ཁྱབ་གདལ་གཏིང་ཟབ་བཏང་ནས། ནག་ཆུའི་ནོར་ཤ་ཁེབས་ཟས་ཀྱི་སྐད་གྲགས་ཆོད་ཚད་མཐོ་རུ་གཏོང་བ་དང་། "ནོར་ཤ་ཁེབས་ཟས"ཀྱི་སྤུས་རྟགས་གཟུགས་བརྙན་རྒྱུན་འཛིན་དང་སྲུང་སྐྱོབ་བྱས་ཏེ། མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་དང་། ནག་ཆུའི་རིག་གནས་ཡུལ་སྐོར་མཉམ་འདྲེས་གོང་འཕེལ་རྒྱས་འགྲོ་རྒྱུར་རོགས་འདེད་ཡོང་ཆེད། ད་ལྟ་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ནག་ཆུའི་ནོར་ཤ་ཁེབས་ཟས་ཀྱི(LOGO)མཚོན་རྟགས་ཀྱི་ཇུས་འགོད་ ཇུས་གཞི་འཚོལ་བསྡུ་བྱེད་རྒྱུ་ཡིན།

གཅིག ཇུས་འགོད་ཀྱི་བླང་བྱ།

(གཅིག)ནག་ཆུའི་ནོར་ཤ་ཁེབས་ཟས་ཀྱི(LOGO)མཚོན་རྟགས་ཐོག་ནས་ནག་ཆུའི་ས་ཁོངས་ཀྱི་ཁྱད་ཆོས་དང་། ནག་ཆུའི་རང་བྱུང་ཁོར་ཡུག སྐྱེ་ཁམས་ཀྱི་ཁྱད་ཆོས། ལོ་རྒྱུས་རིག་གནས་བཅས་མཚོན་ཐུབ་པ་མ་ཟད། ཇུས་འགོད་མ་ཟིན་ནང་དུ་རི་མོ་ཕུད་རྒྱལ་ཁབ་ཀྱི་སྤྱི་སྤྱོད་ཡི་གེ་དང་། བོད་ཡིག་དེ་བཞིན་དབྱིན་ཡིག་བཅས་ཡོད་དགོས།

(གཉིས)ནག་ཆུའི་ནོར་ཤ་ཁེབས་ཟས་ཀྱི(LOGO)མཚོན་རྟགས་རི་མོ་དེ་སྟབས་བདེ་དོན་གསལ་དང་། བསམ་བཀོད་དཔེ་གསར། མཐོང་རྒྱ་ཆེ་བ་བཅས་དགོས་ལ། སྒྱུ་རྩལ་གྱི་ཡིད་དབང་འགུག་ཤུགས་ལྡན་པ། མཐོང་སྣང་མཛེས་པ། དུས་རབས་ཀྱི་ཡིད་དབང་ཕྲོག་ཤུགས་ཆེ་བ་བཅས་ལྡན་དགོས་ཤིང་། ནག་ཆུའི་ནོར་ཤ་ཁེབས་ཟས་ཀྱི་གནས་ཐིག་གཏན་འཁེལ་དང་། གཟུགས་བརྙན། འདུ་ཤེས་བཅས་དང་མཐུན་དགོས།

(གསུམ)བརྩམས་ཆོས་ཚང་མ་ངེས་པར་དུ་རང་གིས་གསར་རྩོམ་བྱས་པ་ཡིན་དགོས་པ་ལས། ལད་མོ་དང་། རྐུ་བཤུས། འདྲ་བཟོ་བཅས་གཏན་ནས་བྱེད་མི་རུང་བ་དང་། པར་དབང་ལ་བཙན་གནོད་དང་བཅའ་ཁྲིམས་ཁྲིམས་སྲོལ་གཞན་དག་ལས་འགལ་རིགས་གཏན་ནས་བྱེད་མི་ཆོག

གཉིས། འཚོལ་བསྡུའི་བླང་བྱ།

(གཅིག)བརྩམས་ཆོས་ནི་ལག་བྲིས་དང་། གློག་ཀླད་ཀྱིས་བཟོས་པའམ་ཡང་ན་གློག་རྡུལ་གྱི་པར་རིས་བཅས་ཡིན་ཆོག ཚོན་ལྡན་གྱི་རི་མོ་ཡིན་ན་ངེས་པར་དུ་དེར་བསྟུན་གྱི་ཚོས་མདོག་འབྲི་དགོས།

(གཉིས)བརྩམས་ཆོས་ལ་རི་མོ་དང་གསར་གཏོད་འདུ་ཤེས་གསལ་བཤད་མདོར་བསྡུས་ཡོད་དགོས། གསལ་བཤད་ཡི་གེ་གོ་བདེ་ཞིང་རྟོགས་སླ་བ། ཚིག་ཉུང་དོན་ཟབ་པ། མ་ཟད་རྩོམ་པ་པོའི་མིང་དང་། ལས་ཁུངས། འབྲེལ་གཏུག་ཁ་པར་བཅས་གསལ་པོར་འགོད་དགོས།

(གསུམ)བརྩམས་ཆོས་རྐུ་བཤུས་དང་། གཡར་སྤྱོད་སོགས་པར་དབང་ལ་བཙན་གནོད་བྱས་རིགས་སམ་ཡང་ན་ཁྲིམས་ལུགས་ཁྲིམས་སྲོལ་གཞན་དང་འགལ་རིགས་ཀྱི་འགན་འཁྲི་ཡོད་ཚད་རྩོམ་པ་པོ་རང་ཉིད་ཀྱི་འཁུར་དགོས།

(བཞི)བརྩམས་ཆོས་ཀྱི་རི་མོ་དང་ཡི་གེ་ཚང་མ་ཕྱིར་སློག་བྱེད་རྒྱུ་མིན་པས། རྩོམ་པ་པོས་མ་ཟིན་ཉར་དགོས། བདམས་ཐོན་མ་བྱུང་ཚེ་རང་འདོད་བྱས་ཆོག

(ལྔ)བརྩམས་ཆོས་བདམས་ནས་བཀོལ་སྤྱོད་བྱས་རྗེས། དེའི་པར་དབང་དང་། བདག་དབང་། བཟོ་བཅོས་བྱེད་དབང་། སྤྱོད་དབང་བཅས་ནག་ཆུ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུད་ལ་ཡོད།

གསུམ། དཔྱད་འདེམས་དང་བྱ་དགའ་སྤྲོད་ཐབས།

ནག་ཆུ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུད་ཀྱིས་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་། ལས་རིགས་གཅིག་པའི་མི་སྣ་སྒྲིག་འཛུགས་བྱས་ཏེ་དཔྱད་འདེམས་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས། བརྩམས་ཆོས་ལ་དཔྱད་འདེམས་ཐེངས་གཉིས་བྱས་ཐོག མཐར་བྱ་དགའ་ཨང་དང་པོ་ཐོབ་མཁན་དེ་ད་ཐེངས་ཀྱི་འཚོལ་བསྡུ་བྱེད་སྒོའི་མཐའ་མའི་ཇུས་གཞིར་བདམས་རྒྱུ་ཡིན་པ་དང་། བྱ་དགའ་ཐོབ་མཁན་གྱིས་ནག་ཆུ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུད་དབར་པར་དབང་ནང་བཤུག་གི་ཁས་ལེན་ཡི་གེ་འཇོག་དགོས།

(གཅིག)དཔྱད་འདེམས་ཐེངས་དང་པོར་བརྩམས་ཆོས་ཚང་མའི་ཁྲོད་ནས་བརྩམས་ཆོས་གསུམ་བདམས་ཏེ། འབྲེལ་ཡོད་སྨྱན་སྦྱོར་གྱི་སྟེགས་བུའི་ཐོག་ཡོངས་བསྒྲགས་བྱེད་རྒྱུ་མ་ཟད། སྤྱི་ཚོགས་ལས་རིགས་ཁག་གི་དཔྱད་བསྡུར་དང་ལེན་བྱེད་རྒྱུ་ཡིན། དེའི་ནང་ཚུད་མཁན་གྱི་བརྩམས་ཆོས་གསུམ་ལ་བྱ་དགའ་སྒོར་2000རེ་སྤྲོད་རྒྱུ་མ་ཟད་གཙོ་གཉེར་ཕྱོགས་ཀྱིས་བྱ་དགའ་ཐོབ་པའི་ལག་ཁྱེར་སྤྲོད་རྒྱུ།

(གཉིས)དཔྱད་འདེམས་ཐེངས་གཉིས་པར་དཔྱད་འདེམས་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་བཏོན་པའི་བསམ་འཆར་གྱི་རྨང་གཞིའི་ཐོག མཐར་བརྩམས་ཆོས་གཅིག་ནག་ཆུའི་ནོར་ཤ་ཁེབས་ཟས་ཀྱི(LOGO) མཚོན་རྟགས་ལ་གཏན་འཁེལ་བྱེད་རྒྱུ་ཡིན། ཨང་དང་པོ་ཐོབ་མཁན་ལ་བྱ་དགའ་སྒོར་5000སྤྲོད་རྒྱུ་མ་ཟད། གཙོ་གཉེར་ཕྱོགས་ཀྱིས་བྱ་དགའ་ཐོབ་པའི་ལག་ཁྱེར་སྤྲོད་རྒྱུ་ཡིན།

བཞི། འཚོལ་བསྡུའི་དུས་ཚོད།

2022ལོའི་ཟླ་1ཚེས་20ཉིན་ནས་2022ལོའི་ཟླ་3ཚེས་20ཉིན་བར་ཡིན།

ལྔ། བརྩམས་ཆོས་བསྐུར་སྟངས།

(གཅིག)ཡིག་ཐོག་ནས་རྩོམ་ཡིག་བསྐུར་ཐབས། བསྐུར་ཡུལ། 2022ལོའི་ཟླ་3ཚེས་20ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་ལིའོ་ཉིང་ལྷོ་ལམ་སྒོ་རྟགས་ཨང་5པ་ནག་ཆུ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུད་ཀྲེང་ལྦེན་པིང་། འབྲེལ་གཏུག་ཁ་པར་0896-3822876 18908965816 17689569577

(གཉིས)གློག་རྡུལ་པར་གཞི། 2022ལོའི་ཟླ་3ཚེས་20ཉིན་གོང་ལ་བརྩམས་ཆོས་ཟུར་བཀོད་ཡིག་ཆའི་རྣམ་པའི་ཐོག་ནས། ཡིག་སྒམ་nqdqwhj@163.comནང་བསྐུར་རོགས། བརྩམས་ཆོས་མིང་ལ"རྩོམ་པ་པོའི་མིང་ + ལས་ཁུངས་ + ཇུས་འགོད་ཇུས་གཞི་འཚོལ་བསྡུ"ཞེས་འདྲི་དགོས།

ནག་ཆུ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུད།

2022ལོའི་ཟླ་1ཚེས་19ཉིན།

 
 
 
 

那曲市文旅局关于有奖征集“那曲文旅”LOGO的公告

为更好对外宣传推介那曲文化和旅游资源,进一步推动文化和旅游融合发展、高质量发展,完善那曲文化和旅游产品和服务供给体系,经那曲市文旅局研究决定,近期面向社会公开征集“那曲文旅”LOGO。现将有关事项公告如下:

一、作品要求

(一)作品要体现那曲“一中心、两环线”旅游空间布局,以“极地那曲 天际之旅”为主题。

(二)充分展示那曲独有的文化旅游特色和属性,能够体现那曲独具特色的自然景观、悠久深厚的历史人文底蕴。

(三)辨识度高,采用彩色设计,图案简洁、富有个性、创意新颖、寓意贴切,富有艺术感染力,且图形符号功能强,有较强的视觉冲击力。

(四)易于传播,适合在各种载体和环境中制作应用。

(五)应用性强,可用于名片、公函、信笺、宣传品、纪念品以及媒体等传播介质。

(六)符合国家法律、法规要求,不得与其他城市品牌形象标识雷同或相似,且Logo尚未被注册。

(七)设计稿应附有对图形标识和字体的创意文字说明(300字以内),包括设计的图样、技术文字说明(图样尺寸、比例、颜色等)和设计图样的理念说明(该设计蕴含的意义、寓意、背景等);图形标识和字体设计稿应附立体、彩色等效果图,并提供标准用色和专用字体设计稿。

(八)作品图形电子稿分辨率不低于300dpi(像素/英寸),jpg或tif格式,大小不低于1M(兆)。

二、评选及奖励

那曲市文化和旅游局将组织有关专家、业内人士成立评选工作领导小组,对应征作品进行两次评选,最终的一等奖1名为本次征集活动的最终选定方案,获奖者须与那曲市文化和旅游局签订版权转让承诺书。

(一)第一次从所有应征作品中筛选出3幅作品入围,在相关媒体平台进行公示,并接受社会各界的评议。入围奖3名,奖金各2000元,并由主办方颁发获奖证书;

(二)第二次在评选工作领导小组和社会各界征集的意见建议的基础上,最终采用1幅作品作为那曲文旅LOGO。一等奖1名,奖金5000元,并由主办方颁发获奖证书。

三、投稿办法

作品征集期:2022年1月20日—2022年3月20日面向全社会进行作品征集。

(一)通过那曲市文化和旅游局官方指定邮箱(nqdqwhj@163.com)进行投稿。

(二)书面投稿。邮寄地址:西藏自治区那曲市色尼区辽宁南路5号那曲市文化和旅游局郑文斌收。

(三)联系电话:0896-3822876、18908965816,17689569577。

四、活动声明

(一)投稿人须提供真实姓名、身份证明和准确的联系方式。

(二)投稿作品必须是原创,若有抄袭、剽窃行为,一经发现,取消评选资格。投稿作品所涉及到的著作权、名誉权、隐私权等,一切法律责任均由投稿者本人承担。

(三)获奖作品须提供矢量源文件(ai或cdr或其它格式),作者拥有著作权,那曲市文化和旅游局拥有使用权、发表权及改编权,注册权,有权将其用于相关会议、画册、展览及推广活动等。

(四)本活动解释权归那曲市文化和旅游局所有,参加本次征集活动即视为同意并遵守本次征集活动各项规则。

 

那曲市文化和旅游局

2022年1月19日

 

"ནག་ཆུའི་རིག་གནས་ཡུལ་སྐོར"གྱི(LOGO)མཚོན་རྟགས་བྱ་དགའ་ཡོད་པའི་འཚོལ་བསྡུ་བྱེད་རྒྱུའི་སྐོར་གྱི་ནག་ཆུ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུད་ཀྱི་སྤྱི་བསྒྲགས།

ནག་ཆུའི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་དང་འོས་སྦྱོར་དེ་བས་ལེགས་པ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དང་། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྔར་བས་སྐུལ་འདེད། ནག་ཆུའི་རིག་གནས་དང་ཡུལ་སྐོར་གྱི་ཐོན་རྫས་དང་ཞབས་ཞུའི་མཁོ་སྤྲོད་མ་ལག་འཐུས་ཚང་བཅས་གཏོང་ཆེད། ནག་ཆུ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུད་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད། ཉེ་དུས་སྤྱི་ཚོགས་ཐོག "ནག་ཆུའི་རིག་གནས་ཡུལ་སྐོར"གྱི་LOGO(མཚོན་རྟགས)ཡོངས་བསྒྲགས་ངང་འཚོལ་བསྡུ་བྱེད་རྒྱུའི་གཏན་འབེབས་བྱས་ཡོད། ད་ལྟ་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱེད་རྒྱུ་གཤམ་གསལ།

གཅིག བརྩམས་ཆོས་ཀྱི་བླང་བྱ།

(གཅིག)བརྩམས་ཆོས་ནང་ནག་ཆུའི"ལྟེ་བ་གཅིག་དང་སྐོར་ཐིག་གཉིས"ཀྱི་ཡུལ་སྐོར་བར་སྟོང་གི་བཀོད་པ་མངོན་ཐུབ་པ་དང་། "ཡང་རྩེའི་ནག་ཆུ། གནམ་མཐའི་ཡུལ་ སྐོར"བརྗོད་དོན་གཙོ་བོ་བྱེད་དགོས།

(གཉིས)ནག་ཆུའི་ཐུན་མོང་མ་ཡིན་པའི་རིག་གནས་ཡུལ་སྐོར་གྱི་ཁྱད་ཆོས་གང་ལེགས་མངོན་པ་དང་། ནག་ཆུའི་དམིགས་བསལ་ཁྱད་ཆོས་ལྡན་པའི་རང་བྱུང་མཛེས་ལྗོངས་དང་། ལོ་རྒྱུས་ཡུན་རིང་ལྡན་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ནང་དོན་ཟབ་མོ་མངོན་ཐུབ་པ་བྱེད་དགོས།

(གསུམ)དབྱེ་འབྱེད་ངོས་འཛིན་སླ་བ། ཚོན་ལྡན་རི་མོ་བསྡུས་ཤིང་གསལ་བ། ཁྱད་ཆོས་འབུར་དུ་ཐོན་པ། ཇུས་འགོད་ཐུན་མོང་མ་ཡིན་པ། ཤུགས་བསྟན་དོན་ལ་གནས་པ། སྒྱུ་རྩལ་གྱི་ཡིད་དབང་འགུག་ཤུགས་ལྡན་པ་མ་ཟད། རི་མོའི་མཚོན་དོན་མངོན་གསལ་དོད་པ། མཐོང་སྣང་མཛེས་པ་བཅས་ཀྱི་ཁྱད་ཆོས་ལྡན་དགོས།

(བཞི)ཁྱབ་སྤེལ་བྱེད་སླ་བ། འདྲེན་བྱེད་དངོས་པོ་དང་ཁོར་ཡུག་སྣ་ཚོགས་ཁྲོད་སྒྲིག་བཟོ་བཀོལ་སྤྱོད་བྱེད་འཚམས་པ།

(ལྔ)བཀོལ་སྤྱོད་རང་བཞིན་ཆེ་བ། མིང་བྱང་དང་། གཞུང་ཡིག ཡིག་ཤོག དྲིལ་ བསྒྲགས་ཡིག་རིགས། དྲན་རྟེན་དངོས་རྫས་བཅས་དང་དེ་བཞིན་སྨྱན་སྦྱོར་སོགས་ལ་སྤྱོད་ཆོག་པ།

(དྲུག)རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བླང་བྱ་དང་མཐུན་ཞིང་། གྲོང་ཁྱེར་གཞན་གྱི་སྤུས་རྟགས་གཟུགས་བརྙན་མཚོན་རྟགས་དང་འདྲ་བའམ་གཅིག་མཚུངས་མི་ཆོག་པ་མ་ཟད། LOGO(མཚོན་རྟགས)ཐོ་འགོད་བྱས་མེད་པ།

(བདུན)ཇུས་འགོད་མ་ཟིན་ལ་རི་མོའི་མཚོན་རྟགས་དང་ཡིག་གཟུགས་ཀྱི་གསར་གཏོད་སྐོར་གྱི་གསལ་བཤད(ཡིག་འབྲུ་300ནང་ཚུན)ཟུར་བཀོད་བྱེད་དགོས། དེའི་ནང་ཇུས་འགོད་ཀྱི་དཔེ་རིས་དང་། ལག་རྩལ་ཐད་ཀྱི་གསལ་བཤད(དཔེ་རིས་ཀྱི་ཆེ་ཆུང་དང་བསྡུར་ཚད། ཚོས་མདོག་སོགས)དང་ཇུས་འགོད་དཔེ་རིས་ཀྱི་འདུ་ཤེས་གསལ་བཤད(ཇུས་འགོད་དེའི་དོན་སྙིང་དང་། མཚོན་དོན། རྒྱབ་ལྗོངས་སོགས)བཅས་ཚུད་དགོས། རི་མོའི་མཚོན་རྟགས་དང་ཡིག་གཟུགས་ཀྱི་ཇུས་འགོད་མ་ཟིན་ལ་ཟུར་དུ་ལངས་གཟུགས་དང་ཚོན་ལྡན་སོགས་ཀྱི་གསལ་བཤད་རི་མོ་དགོས་པ་མ་ཟད། ཚད་ལྡན་གྱི་ཚོས་མདོག་དང་ཆེད་སྤྱོད་ཡིག་གཟུགས་ཀྱི་ཇུས་འགོད་མ་ཟིན་འདོན་སྤྲོད་བྱེད་དགོས།

(བརྒྱད)བརྩམས་ཆོས་རི་མོའི་གློག་རྡུལ་མ་ཡིག་གི་དབྱེ་འབྱེད་ཚད་གཞི་ནི་300dpi(གསལ་ཚད་/དབྱིན་ཚུན)ལས་མི་དམའ་བ་དང་། jpgཡང་ན་tifགི་ཚད་གཞི། ཆེ་ཆུང་1M(ཀྲའོ)ལས་མི་དམའ་བ་བཅས་དགོས།

གཉིས། དཔྱད་འདེམས་དང་བྱ་དགའ།

ནག་ཆུ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུད་ཀྱིས་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་ལས་རིགས་གཅིག་པའི་མི་སྣ་སྒྲིག་འཛུགས་བྱས་ཏེ། དཔྱད་འདེམས་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས། བརྩམས་ཆོས་ལ་དཔྱད་འདེམས་ཐེངས་གཉིས་བྱས་ཐོག མཐར་བྱ་དགའ་ཨང་དང་པོ་ཐོབ་མཁན་དེ་ད་ཐེངས་ཀྱི་འཚོལ་བསྡུ་བྱེད་སྒོའི་མཐའ་མའི་ཇུས་གཞིར་བདམས་རྒྱུ་ཡིན་པ་དང་། བྱ་དགའ་ཐོབ་མཁན་གྱིས་ནག་ཆུ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུད་དབར་པར་དབང་ནང་བཤུག་གི་ཁས་ལེན་ཡི་གེ་འཇོག་དགོས།

(གཅིག)དཔྱད་འདེམས་ཐེངས་དང་པོར་བརྩམས་ཆོས་ཚང་མའི་ཁྲོད་ནས་བརྩམས་ཆོས་3བདམས་ཏེ། འབྲེལ་ཡོད་སྨྱན་སྦྱོར་སྟེགས་བུའི་ཐོག་ཡོངས་བསྒྲགས་བྱེད་རྒྱུ་མ་ཟད། སྤྱི་ཚོགས་ལས་རིགས་ཁག་གི་དཔྱད་བསྡུར་དང་ལེན་བྱེད་རྒྱུ་ཡིན། དེའི་ནང་ཚུད་མཁན་བརྩམས་ཆོས་3ལ་བྱ་དགའ་སྒོར་2000རེ་སྤྲོད་རྒྱུ་མ་ཟད། གཙོ་གཉེར་ཕྱོགས་ཀྱིས་བྱ་དགའ་ཐོབ་པའི་ལག་ཁྱེར་སྤྲོད་རྒྱུ་ཡིན།

(གཉིས)དཔྱད་འདེམས་ཐེངས་གཉིས་པར་དཔྱད་འདེམས་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་བཏོན་པའི་བསམ་འཆར་གྱི་རྨང་གཞིའི་ཐོག མཐར་བརྩམས་ཆོས་གཅིག་ནག་ཆུའི་རིག་གནས་ཡུལ་སྐོར་གྱི་LOGO(མཚོན་རྟགས)གཏན་འཁེལ་བྱེད་རྒྱུ་ཡིན། བྱ་དགའ་ཨང་དང་པོ་ཐོབ་མཁན་ལ་བྱ་དགའ་སྒོར་5000སྤྲོད་རྒྱུ་མ་ཟད། གཙོ་གཉེར་ཕྱོགས་ཀྱིས་བྱ་དགའ་ཐོབ་པའི་ལག་ཁྱེར་སྤྲོད་རྒྱུ་ཡིན།

གསུམ། རྩོམ་ཡིག་བསྐུར་ཐབས།

བརྩམས་ཆོས་འཚོལ་བསྡུ་བྱེད་པའི་དུས་ཚད་ནི་2022ལོའི་ཟླ་1ཚེས་20ཉིན་ནས་2022ལོའི་ཟླ་3ཚེས་20ཉིན་བར་ཡིན། སྤྱི་ཚོགས་ཡོངས་སུ་བརྩམས་ཆོས་འཚོལ་བསྡུ་བྱེད་རྒྱུ་ཡིན།

(གཅིག)ནག་ཆུ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུད་གཞུང་ཕྱོགས་ཀྱིས་དམིགས་འཛུགས་བྱས་པའི་ཡིག་སྒམ(nqdqwhj@163.com)བརྒྱུད་དེ་རྩོམ་ཡིག་བསྐུར་ དགོས།

(གཉིས)ཡིག་ཐོག་ནས་རྩོམ་ཡིག་བསྐུར་ཐབས། བསྐུར་ཡུལ། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ལིའོ་ཉིང་ལྷོ་ལམ་སྒོ་རྟགས་ཨང་5པ་ནག་ཆུ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུད་ཀྲེང་ལྦེན་པིང་།

(གསུམ)འབྲེལ་གཏུག་ཁ་པར་0896-3822876 18908965816 17689569577

བཞི། བྱེད་སྒོའི་གསལ་བསྒྲགས།

(གཅིག)རྩོམ་པ་པོས་ངེས་པར་དུ་རང་མིང་དང་། ཐོབ་ཐང་དཔང་རྟགས། འབྲེལ་གཏུག་བྱེད་སྟངས་ནོར་འཁྲུལ་མེད་པ་འདོན་སྤྲོད་བྱེད་དགོས།

(གཉིས)བརྩམས་ཆོས་ངེས་པར་དུ་རང་གིས་གསར་རྩོམ་བྱས་པ་ཡིན་དགོས། གལ་ཏེ་རྐུ་བཤུས་བྱས་པའི་གནས་ཚུལ་ཐོན་ཚེ་དཔྱད་འདེམས་ཀྱི་ཐོབ་ཐང་མེད་པ་བཟོ་རྒྱུ་ཡིན། བརྩམས་ཆོས་ཀྱི་བདག་དབང་དང་། མིང་གྲགས་ཐོབ་དབང་། སྒེར་དོན་གསང་བའི་དབང་ཆ་སོགས་དང་འབྲེལ་བ་ཡོད་རིགས་ཀྱི་བཅའ་ཁྲིམས་ཀྱི་འགན་འཁྲི་ཡོད་ཚད་རྩོམ་པ་པོས་འཁུར་དགོས།

(གསུམ)བྱ་དགའ་ཐོབ་མཁན་གྱིས་ངེས་པར་དུ་རྩོམ་སྒྲིག་དང་བཟོ་བཅོས་བྱེད་ཆོག་པའི་ཡིག་ཆ(aiའམ་cdrདང་ཡང་ན་ཚད་གཞི་གཞན་དག)འདོན་སྤྲོད་བྱེད་དགོས། རྩོམ་པ་པོར་བརྩམས་ཆོས་ཀྱི་བདག་དབང་ཡོད་པ་དང་། ནག་ཆུ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུད་ལ་སྤྱོད་དབང་དང་། འགྲེམས་སྤེལ་བྱེད་དབང་། དེ་བཞིན་བཅོས་སྒྲིག་རྒྱག་དབང་། ཐོ་འགོད་བྱེད་དབང་བཅས་ཡོད་པ་མ་ཟད། འབྲེལ་ཡོད་ཚོགས་འདུ་དང་། པར་དེབ། འགྲེམས་སྟོན་དེ་བཞིན་ཁྱབ་གདལ་བྱེད་སྒོ་སོགས་ལ་སྤྱོད་དབང་ཡོད།

(བཞི)བྱེད་སྒོ་འདིའི་འགྲེལ་བཤད་རྒྱག་དབང་དེ་ནག་ཆུ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུད་ལ་ཡོད་པ་དང་། ད་ཐེངས་ཀྱི་འཚོལ་བསྡུ་བྱེད་སྒོར་ཞུགས་ཕྱིན་བྱེད་སྒོའི་སྒྲིག་སྲོལ་ཁག་ལ་མོས་མཐུན་བྱས་པ་མ་ཟད་བརྩི་སྲུང་ཞུ་བར་བརྩི་རྒྱུ་ཡིན།

 

ནག་ཆུ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུད།

2022ལོའི་ཟླ1ཚེས་19ཉིན།

 

扫码关注我们

主编:杜 林 春

责编:次旺 塔培

编辑:才仁拉珠



征集官方网站:https://www.1zj.com/             官方微信公众号:征集网
征集发布电话:159-677-55955(微信同号)


上一篇:新会区儿童友好县区LOGO正在征集
下一篇:苏信·精雕学院公开征集院徽设计方案啦!

关注我们

征集网官方微信

征集网客服